{"title":"Page d'accueil","description":null,"products":[{"product_id":"map-of-tibet","title":"༼བོད་ཡུལ་གྱི་ས་ཁྲ།༽ལྷུ་སྒྲིག་རོལ་རྩེད།","description":"\u003cp\u003e\u003cspan\u003eས་ཁྲ་འདི་ནི་རྣོ་ཁབ་ལེན་གྱི་རང་བཞིན་ཅན་ཞིག་ཡིན་ལ། གཙོ་བོ་ན་གཞོན་བྱིས་པ་ཚོར་ལྷུ་སྒྲིག་རོལ་རྩེད་ཀྱི་ལམ་ནས་བོད་ཡུལ་སྤྱི་དང་བྱེ་བྲག་མཚོ་དང་མཚེའུ། རྒྱུག་ཆུ་དང་གཙང་པོ། གངས་རི་དང་རྫ་རི་སོགས་བོད་མི་གནས་སྡོད་བྱ་ཡུལ་གྱི་ཁུལ་དང་རྫོང་། གྲོང་ཁྱེར་སོགས་ཀྱི་མིང་བཀོད་ཡོད། ས་ཁུལ་མི་འདྲ་བ་ཉི་ཤུ་རྩ་གསུམ་ཡོད་པ་རྣམས་ལྷུ་ལག་རེ་རེར་བྱས་ནས་རྫོང་དང་། གྲོང་ཁྱེར་སོགས་མཚོན་རྟགས་དང་ཚོན་མདོག་མི་འདྲ་བའི་ཐབས་ལམ་ལ་བརྟེན་ནས་སོ་སོར་བསྒྲིགས་ཡོད། དེ་དག་ངོས་འཛིན་མི་ནོར་བའི་ཆེད་དུ་མ་ཡིག་ས་ཁྲ་ཞིག་རྒྱབ་ལྗོངས་ཀྱི་ཚུལ་དུ་འདིར་མཉམ་བཀོད་བྱས་ཡོད་པས་ཧ་ཅང་སྟབས་བདེ་ཡིན་ལ། རོལ་རྩེད་འདིས་བྱིས་པ་ཚོར་རང་ས་རང་ཡུལ་དང་ཕ་ས་ཕ་ཡུལ་ངོ་འཛིན་ཐུབ་པ་དང་། ས་ཁམས་དང་ལོ་རྒྱུས་སློབ་སྦྱོང་ལ་སྤྲོ་སྣང་འདྲེན་པ་སོགས་ཀྱི་ཕན་ནུས་ཆེན་པོ་ཐོན་ངེས་ཡིན།\u003c\/span\u003e\u003c\/p\u003e","brand":"འབྲོང་གཡག","offers":[{"title":"Default Title","offer_id":54738715672920,"sku":"100","price":22.5,"currency_code":"EUR","in_stock":true}],"thumbnail_url":"\/\/cdn.shopify.com\/s\/files\/1\/0911\/5897\/0712\/files\/22.png?v=1745095774"},{"product_id":"tibetan-alphabet-flash-learning-card","title":"ཤོག་བྱང་དབྱངས་གསལ་སོ་བཞི།","description":"\u003cp\u003e\u003cspan\u003eཤོག་བྱང་འདི་ནི་ན་ཆུང་བྱིས་པ་ཚོའི་ཆེད་དུ་བོད་ཡིག་དབུ་ཅན་ཡིག་གཟུགས་\u003c\/span\u003e\u003cspan\u003eའབྲི་ཚུལ་གྱི་སྨྱུག་ཁ་འཐེན་སྟངས་རི་མོའི་ལམ་ནས་གསལ་སྟོན་བྱས་ཡོད་ལ། དེ་མིན་འཁྱུག་ཡིག ཚུགས་ཐུང་། དཔེ་ཚུགས། འབྲུ་ཚ། ཚུགས་རིང་སོགས་ཡིག་གཟུགས་ཁག་ལྔ་ཡང་དཔེ་མཚོན་གྱི་ཚུལ་དུ་བཀོད་ཡོད། མདུན་ངོ་སུ་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཐམ་པའི་དཔེ་བརྗོད་དང་\u003c\/span\u003e\u003cspan\u003eདེ་ཡི་མཚོན་དོན་རི་མོའི་ལམ་ནས་མཉམ་བཀོད་བྱས་ཡོད་པས་བྱིས་པ་ཚོར་སློབ་སྦྱོང་ལ་སྤྲོ་སྣང་དང་ཕ་མ་དང་དགེ་རྒན་ཚོར་སློབ་ཁྲིད་ལ་སྟབས་བདེ་བཟོས་ཡོད། \u003c\/span\u003e\u003c\/p\u003e\n\u003cp\u003e\u003cspan\u003eཤོག་བྱང་འདི་ཡི་རྒྱུ་སྤུས་དང་ཕྱི་ནང་གི་བཟོ་བཀོད་སོགས་རྒྱལ་སྤྱིའི་ཚད་ལྡན་ཤོག་བྱང་གཞན་དག་དང་འདྲ་བར་རང་བྱུང་གི་ཚོན་དང་སྐྱེས་དངོས་ཡི་རྒྱུ་ཆ་བཀོལ་སྤྱོད་བྱས་ཡོད་པས་བྱིས་པའི་འཕྲོད་བསྟེན་ལ་གནོད་པ་གང་ཡང་མེད།\u003c\/span\u003e\u003c\/p\u003e","brand":"འབྲོང་གཡག","offers":[{"title":"Default Title","offer_id":54739742458200,"sku":"100","price":15.5,"currency_code":"EUR","in_stock":true}],"thumbnail_url":"\/\/cdn.shopify.com\/s\/files\/1\/0911\/5897\/0712\/files\/20.png?v=1745095826"}],"url":"https:\/\/www.dongyak.com\/collections\/frontpage.oembed","provider":"DONGYAK","version":"1.0","type":"link"}