Skip to product information
1 of 5

འབྲོང་གཡག

ཤོག་རྩེད་ཨ་གཅིག་ཆ་གཅིག

ཤོག་རྩེད་ཨ་གཅིག་ཆ་གཅིག

Regular price €12,00 EUR
Regular price Sale price €12,00 EUR
Sale Sold out
Taxes included.
Quantity

ཤོག་རྩེད་འདི་ནི་ནམ་རྒྱུན་བོད་མི་ཚོས་ལོ་སར་དང་སྤྲོ་སྐྱིད་སྐབས་སུ་རྩེ་བཞིན་པའི་ཤོག་རྩེད་གཞན་དག་དང་ཅུང་ཟད་མི་འདྲ་བར། འདི་ནི་བོད་པའི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་གནང་བཞིན་པའི་ཨ་གཅིག་ཆ་གཅིག་བརྩི་སྟངས་གཞི་ལ་བཞག་ནས་བོད་རང་ཉིད་ཀྱི་སྐད་ཡིག་ཐོག་གསར་བཟོས་བྱས་པའི་ཤོག་རྩེད་གཅིག་ཡིན། 

དུས་རབས་དགུ་པའི་ནང་རྒྱ་ནག་ནས་ཐོག་མར་དར་ཁྱབ་བྱུང་བའི་ཤོག་རྩེད་འདི་དུས་རབས་བཅུ་བཞི་པའི་ནང་ཡུ་རོབ་ཨེ་ཊ་ལི་དང་འཇར་མན་སོགས་སུ་རིམ་བཞིན་དར་རྒྱས་བྱུང་ཞིང་། དུས་རབས་བཅོ་ལྔ་བའི་ནང་ཧྥ་རེན་སུ་ནས་དེང་སང་བཀོལ་སྤྱོད་གནང་བཞིན་པའི་ཤོག་རྩེད་གྲངས་༥༢ཅན་འདིའི་མཚོན་རྟགས་རི་མོ་བཞི་དེ་དམར་ནག་གཉིས་སུ་དབྱེས་ནས་ཤོག་རྩེད་ཀྱི་རྣམ་པར་གཅིག་གྱུར་བྱུང་ཞིང་། དེ་ནས་དབྱིན་ཡུལ་དང་ཨ་རི་སོགས་སུ་དར་ཁྱབ་རིམ་པར་བྱུང་སྟེ་དུས་རབས་བཅུ་དགུ་བའི་ནང་ཤོག་རྩེད་བཟོ་གྲྭ་ཁག་གིས་ཚོང་དོན་མཚོན་རྟགས་སོགས་ཀྱི་ཆེད་joker སོགས་ཁ་གནོན་བྱས་ནས་ད་ལྟའི་ཤོག་རྩེད་གྲངས་༥༤ ཅན་འདི་བྱུང་།

དེ་ཡང་བོད་ལུགས་སམ་བོད་ཡིག་ཅན་གྱི་ཤོག་རྩེད་འདི་ནི། ན་གཞོན་ཚོའི་ཆེད་དུ་བོད་རང་ཉིད་ཀྱི་རྣམ་པ་མཚོན་ཆེད་གྲངས་ཀྱི་མངོན་བརྗོད་དང་ཨ་གཅིག་ཆ་གཅིག་བརྩི་སྟངས་གཞིར་བཟུང་འབྱུང་བ་བཞི་ཤོག་རྩེད་མཚོན་རྟགས་རི་མོ་བཞིའི་ངོ་བོར་བསྒྱུར་ནས། ཤོ་མོ་སོགས་རྩེད་རིགས་སྣ་མང་གཅིག་རྩེ་ཐུབ་ཐབས་ལ་འབད་བརྩོན་བྱས་ཏེ་བཟོས་པའི་ཤོག་རྩེད་ཞིག་ཡིན་ལ། གཤམ་གསལ་རེའུ་མིག་འདིས་ཤོ་མོ་རྩེ་སྐབས་རང་ཉིད་ཀྱི་ལོ་རྟགས་དང་། སྐྱེས་ཚེས་བརྒྱུད་ཁྱེད་རང་གི་དབང་ཐང་དང་རླུང་རྟ་རང་གཤིས་སོགས་བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་སྒོ་ནས་ངོ་འཛིན་བྱེད་ཐུབ།

དེ་བཞིན་ཤོག་རྩེད་འདི་ཡི་རྒྱུ་སྤུས་འགྱིག་ལས་གྲུབ་པས་མཉེན་ཆ་ལྡན་ཞིང་བརླན་གཤེར་སོགས་ཀྱི་ཆག་སྐྱོན་བཟོ་མི་སྲིད་ལ་རི་མོའི་ཚོན་མདངས་གསལ་ཞིང་ཕྱི་ནང་གི་རྣམ་པ་མཛེས་པས་ཁྱེད་ལ་ཤོག་རྩེད་ཀྱི་སྤྲོ་སྣང་གཞན་ཞིག་བསྐྲུན་ངེས་ཡིན།

View full details