Skip to product information
1 of 7

འབྲོང་གཡག

༼བོད་ཡུལ་གྱི་ས་ཁྲ།༽ལྷུ་སྒྲིག་རོལ་རྩེད།

༼བོད་ཡུལ་གྱི་ས་ཁྲ།༽ལྷུ་སྒྲིག་རོལ་རྩེད།

Regular price €22,50 EUR
Regular price Sale price €22,50 EUR
Sale Sold out
Taxes included.
Quantity

ས་ཁྲ་འདི་ནི་རྣོ་ཁབ་ལེན་གྱི་རང་བཞིན་ཅན་ཞིག་ཡིན་ལ། གཙོ་བོ་ན་གཞོན་བྱིས་པ་ཚོར་ལྷུ་སྒྲིག་རོལ་རྩེད་ཀྱི་ལམ་ནས་བོད་ཡུལ་སྤྱི་དང་བྱེ་བྲག་མཚོ་དང་མཚེའུ། རྒྱུག་ཆུ་དང་གཙང་པོ། གངས་རི་དང་རྫ་རི་སོགས་བོད་མི་གནས་སྡོད་བྱ་ཡུལ་གྱི་ཁུལ་དང་རྫོང་། གྲོང་ཁྱེར་སོགས་ཀྱི་མིང་བཀོད་ཡོད། ས་ཁུལ་མི་འདྲ་བ་ཉི་ཤུ་རྩ་གསུམ་ཡོད་པ་རྣམས་ལྷུ་ལག་རེ་རེར་བྱས་ནས་རྫོང་དང་། གྲོང་ཁྱེར་སོགས་མཚོན་རྟགས་དང་ཚོན་མདོག་མི་འདྲ་བའི་ཐབས་ལམ་ལ་བརྟེན་ནས་སོ་སོར་བསྒྲིགས་ཡོད། དེ་དག་ངོས་འཛིན་མི་ནོར་བའི་ཆེད་དུ་མ་ཡིག་ས་ཁྲ་ཞིག་རྒྱབ་ལྗོངས་ཀྱི་ཚུལ་དུ་འདིར་མཉམ་བཀོད་བྱས་ཡོད་པས་ཧ་ཅང་སྟབས་བདེ་ཡིན་ལ། རོལ་རྩེད་འདིས་བྱིས་པ་ཚོར་རང་ས་རང་ཡུལ་དང་ཕ་ས་ཕ་ཡུལ་ངོ་འཛིན་ཐུབ་པ་དང་། ས་ཁམས་དང་ལོ་རྒྱུས་སློབ་སྦྱོང་ལ་སྤྲོ་སྣང་འདྲེན་པ་སོགས་ཀྱི་ཕན་ནུས་ཆེན་པོ་ཐོན་ངེས་ཡིན།

View full details